image.jpg 

image.jpg 

image.jpg 

 

持明新譯2015年12月31日
འཇིག་རྟེན་འཁྲུལ་སྣང་འཁོར་བ་ཡི་གྲོང་ན།།
滅依幻想輪迴城邑中
ཟིན་དུས་མེད་པའི་བྱ་བྱེད་ཀྱི་རྣམ་གྲངས་།།
追尋不著事宜諸種項
དགོས་འབྲས་མེད་པའི་མགོ་སྐོར་འདི་མཐོང་ནས།།
無有意義欺瞞觀望後
ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་།།
阿博之心奔至蘭若處
ཡུལ་དགོན་འབྲེལ་བའི་དགེ་འདུན་གྱི་སྡེ་ན།།
城與寺廟連繋僧眾群
སྙིང་པོ་མེད་པའི་རྣམ་གཡེངས་གི་འདུ་ལོང་།།
無有精髓散亂之聚繁
བྱ་བྱེད་བྲེལ་དོའི་ལས་ཀ་འདི་མཐོང་ནས།།
諸事勞忙行持看視後
ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་།།
阿博之心趨入蘭若處
སུ་ལ་བལྟས་ཀྱང་འཆི་ལ་ནི་ཁད་ཁད།།
觀視孰者猶似死亡際
གང་ལ་བསམ་ཀྱང་འཆི་མེད་ཀྱི་རྟག་རྩིས།།
恆常長久籌劃盤算時
ཡི་མུག་སྐྱེ་བའི་ཤོམ་ར་འདི་མཐོང་ནས།།
極悲猶生安置看視後
ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་།།
阿博之心趨入蘭若處
སུ་དང་འགྲོགས་ཀྱང་ཆགས་སྡང་གི་སྣོན་མ།།
和誰齊聚貪瞋皆增長
གང་དང་འབྲེལ་ཀྱང་གཡོ་རྒྱུ་ཡི་མགོ་བསྐོར།།
與誰連結狡詐之頭轉
དགེ་རྐྱེན་མེད་པའི་གྲོགས་མང་འདི་མཐོང་ནས།།
善緣無有眾友觀望後
ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་།།
阿博之心奔至蘭若處
ཉོན་མོངས་དགྲ་འདིའི་ཁམས་གསུམ་ཀུན་བསླུས་བསླུས།།
煩惱怨敵恆欺三界𥚃
རྣམ་གཡེངས་འཁོར་ལོས་རིགས་དྲུག་འདིས་བསྐོར་བསྐོར།།
散亂轉輪六道常轉轉
སྡུག་བསྔལ་བསྐྱེད་པའི་ལས་ཐབས་འདི་མཐོང་ནས།།
痛苦產生方法觀望後
ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་།།
阿博之心奔至蘭若處
བསླུ་མེད་མགོན་པོ་བླ་མ་དང་དཀོན་མཆོག་།
無欺上師怙主勝皈寶
དབེན་པར་སླེབ་ནས་དབེན་གནས་སུ་སྲན་ཚུག།
蘭若處內安住耐煩撐
གནས་བརྟེན་ནས་ལུས་དབེན་དང་ངག་དབེན་།
依此聖地身靜語言靜
དེ་ལ་བརྟེན་ནས་སེམས་དབེན་ཀྱང་སྐྱེ་བའི།།
憑此依靠心亦靜住之
དབེན་རི་ཟིན་པའི་བྱིན་རླབས་ཤིག་གནང་ཤོག །
蘭若安住證持願加持
arrow
arrow

    慢慢 發表在 痞客邦 留言(0) 人氣()