《持明恩師仁增塔欽》
རྩེ་དགའི་བཞིན་རས་ཟླ་བ་དྲི་མེད་ཁམས།།
麗人媚態貌如無染月
ཡན་ལག་ལྕུག་ཕྲན་པདྨ་གཞོན་ནུའི་གར།།
手舞足蹈猶似蓮花舞
དབྱངས་ཀྱི་སྙན་པ་ཚངས་ལྷའི་བསླུ་འཕྲུལ་གྱིས།།
韻律悠揚梵女欲誘汝
ཉིད་ཐུགས་གཡོ་མེད་མངོན་སངས་རྒྱས་གང་འདུད།།
然意無盪成佛虔頂禮
རྡོ་རྗེའི་རང་བཞིན་མཉམ་བཞག་དབྱིངས་སུ་འབྱམས།།
金剛本樣平禪法界照
ཀུན་སྣང་སྙིང་རྗེ་མེད་འཁྲུལ་འགྲོ་བར་འབྱེད།།
遍顯慈覆無認有幻眾
བློ་སྣོད་འཚམ་པར་བདུད་རྩིའི་དཔལ་སྩོལ་བའི།།
思器般之甘露法吉賜
འདྲེན་པ་དྲང་སྲོང་ཆེ་དེར་མཆོད་ཅིང་བསྟོད།།
引尊大仙佛陀共禮讚
བསིལ་གཏེར་རླབས་དཀར་དུས་ལས་མི་ཡོལ་བཞིན།།
涼藏白浪時間未耽般
རྨད་བྱུང་ཕྲིན་ལས་དམ་པའི་སྣང་བ་ཡིས།།
奇哉佛業珍貴顯現以
སྲིད་པའི་མུན་སྟུག་གཞོམས་ལ་མཐུ་བརྟས་པའི།།
能顯深闇悉淨力増長
རྒྱལ་བའི་གསང་གསུམ་ཐུགས་རྗེས་སྲུང་གྱུར་ཅིག།
永勝三密大慈願護𧙗
ས་ཟླའི་ཚེས་གནམ་སྟོང་ཉིན་རྒྱ་ཀོང་རིག་འཛིན་མཐར་ཕྱིན་ནས།།
薩嘎達瓦月善廣天地日藏曆30日
迦恭仁增塔欽書述