close
《雲遊教授佛法老師康巴仁增塔訫》
གནམ་གྲུ་གཡོ་འདར་འཕྱོ།
གནམ་གྱི་རྒྱ་ལ་འཕྲུར་གྲུས་སྐྱོད་སྐབས།།
མཐུག་པོའི་སྤྲིན་རིམ་གཤོག་སྦྲམ་ཐུག་ཏེ།།
མཐོན་པོའི་མཁའ་ལས་དྲག་གཡོ་འདར་ཚེ།།
བར་སྣང་མགྲོན་ཚོགས་འུ་ཅོ་ལྡིར་རེ།།
ཡར་བལྟས་ནམ་མཁའ་སྟོང་པ་སང་ངེར།།
མར་བལྟས་སྤྲིན་རིམ་བལ་འདབ་བཀོད་འདྲ།།
ཕར་བལྟས་མགྲོན་གྲོགས་ཝ་སྙིང་འཕར་བའི།།
འགྱུར་འཇིག་ཉེ་ཚེ་སུ་ལ་རེ་དགོས།།
སེམས་ནས་དྭངས་བའི་དཔའ་ཉམས་གཅིག་པོ།།
བླ་མ་ཏིང་འཛིན་སངས་རྒྱས་དབྱེར་མེད།།
ཡིད་མཁར་འདྲེན་པའི་མངོན་རྟོགས་འདི་ཡིས།།
སྔངས་སྐྲག་འཇིགས་ཚུབ་ལྷིང་འཇགས་བྱས་བྱུང་།།
དེ་རིང་མཁའ་གྲུ་གཡོ་འགྱུར་བྱུང་སྐབས་ཀྱི་ཚོར་སྣང་༢༠༡༦ ༠༡ ༠༥ལ་རྒྱ་ཀོང་རིག་འཛིན་མཐར་ཕྱིན་ནས།
文章標籤
全站熱搜
留言列表