close
  • IMG_6071.JPG
  • 《放生魚類發願文》ཐང་སྟོང་པས་མཛད་པའི་ཉ་སྲོག་བསླུས་སྨོན་ལམ་བཞུགས་སོ།

  • 唐東嘉波尊者所著

    བསླུ་མེད་དཀོན་མཆོག་གསུམ་དང་ལྷག་པའི་ལྷ།

    無欺三寶勝本尊

    ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་མགོན་གྱིས།

    大悲尊主觀世音

    ཉམ་ཐག་བདག་ལ་ཐུགས་རྗེས་བརྩེར་དགོངས་ནས།

    大悲垂念苦難我

    རྒྱ་ཆེན་སྨོན་ལམ་འགྲུབ་པར་མཛད་དུ་གསོལ།

    廣大發願令成就

    སྔོན་ཚེ་ཐུབ་ཆེན་ཆུ་འབེབས་གྱུར་པའི་ཚེ།

    如同古佛名降水

    བདེ་གཤེགས་མཚན་བརྗོད་ཉ་རྣམས་བསྒྲལ་བ་ལྟར།

    念誦佛號度魚般

    བཟོད་མེད་སྡུགས་བསྔལ་མྱོང་བའི་དུད་འགྲོ་རྣམས།

    受難忍苦旁生眾

    བདག་གི་ཆོས་ཀྱི་ཆར་གྱིས་ཚིམ་བྱེད་ཤོག

    願我法雨令滿足

    འགའ་ཞིག་སྐྱབས་མགོན་གནས་དང་བྲལ་གྱུར་ཅིང་།

    遠離救怙無自主

    དབང་མེད་གཅིག་ལ་གཅིག་ཟའི་འཇིགས་སྐྲག་ཅན།

    相互食噉具恐懼

    སྡུག་བསྔལ་དྲག་པོས་གཟིར་བའི་དུད་འགྲོ་རྣམས།

    劇苦所逼諸旁生

    བདག་གི་ཆོས་ཀྱི་ཆར་གྱིས་ཚིམ་བྱེད་ཤོག

    願我法雨令滿足

    ལུས་འདི་བོར་ཚེ་ངན་སོང་གནས་སྤོང་ཤིང་།

    願其捨身離惡趣

    ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས།

    獲得人天諸妙樂

    དམ་ཆོས་ཉན་ཅིང་ཉམས་སུ་ལེན་པ་དང་།

    聽聞正法並實修

    བླ་མེད་བྱང་ཆུབ་བསྒྲུབ་ལ་བརྩོན་པར་ཤོག

    成無上覺而精進

    ཅེས་པའང་ཐང་སྟོང་པས་མཛད་པའོ།

    唐東嘉波大師著。
arrow
arrow
    創作者介紹
    創作者 慢慢 的頭像
    慢慢

    深度西藏旅遊 / 藏傳佛教 持明 仁增塔欽✨晨曦霧散明燦✨

    慢慢 發表在 痞客邦 留言(0) 人氣()


    留言列表 留言列表

    禁止留言