close
སྙིང་རྗེའི་སྐུ་ཡི་གསང་བ་མི་ཟད་རྒྱན།།
མཚན་དཔེའི་འོད་ཟེར་འབར་བའི་ཆ་རེར་ཡང་།།
ལྟ་བས་མི་ངོམ་བྱིན་རླབས་མཚོ་འཕྱུར་བའི།།
ལྷ་མིའི་རྣམ་འདྲེན་ཐུབ་པའི་དབང་པོར་འདུད།།
བདུད་ལས་རབ་རྒྱལ་འགྲོ་ལ་རྗེས་ཆགས་པའི།།
མཁྱེན་བརྩེའི་དཀྱིལ་འཁོར་ཡེ་ཤེས་དྲྭ་བ་ཅན།།
མཚུངས་མེད་སྟོན་པ་རྣམ་འདྲེན་ཟས་གཙང་སྲས།།
མ་འདྲིས་མཛའ་བཤེས་ཆེ་དེས་ཉ་རྣམས་སྐྱོབས།།
མ་རིག་གཏི་མུག་མཚོ་ལས་རང་འཕྱུར་བའི།།
སྐྱེ་འཆིའི་ཆོ་འཁྲུལ་ཞེན་པས་མྱོང་བའི་འགྲོ།།
བདག་དང་བདག་འདྲ་སྲིད་ན་རྒྱུ་བ་ཀུན།།
རྣམ་གྲོལ་ཉི་མའི་འོད་ལ་རེག་གྱུར་ཅིག།
རང་དོན་ཡལ་བར་དོར་བའི་དཔའ་ཡིས་དབེན།།
གཞན་དོན་ཁུར་ཆེན་འདེགས་པའི་ཤུགས་ཀྱིས་དབུལ།།
སྣང་བར་དངོས་འཛིན་ཕྱེ་ལེབ་མེར་ལྕེབས་བཞིན།།
ཀུན་འབྱུང་སྟོབས་ལྡན་བདག་དང་བདག་འདྲ་བ།།
དགེ་བ་འདི་ཡིས་མྱུར་དུ་འདྲེན་པར་མཛོད།།
持明 仁增塔欽20210906
全站熱搜