持明今於藏曆十號蓮師殊勝日彙述即譯,海生蓮師傳承者皆可修誦。2016/01/19

གུ་རུའི་རྣམ་ཐར་ཚིགས་བཅད་མ།
 image.jpg 

རྒྱལ་དབང་ཨོ་རྒྱན་ཆེན་པོའི་མཛད་ཆེན་བྱིན་རླབས་བདུད་རྩིའི་དྭངས་བཅུད།
勝懷王大鄔堅尊之勝傳加持露髓文
ནུབ་ཕྱོགས་ཨོ་རྒྱན་དྭངས་མཚོར་སྐུ་འཁྲུངས་ཏེ། །
西方鄔堅淨海蓮花生
རྒྱལ་པོ་ཨིན་དྲ་བི་ཏིའི་སྲས་ཚབ་བྱས།།
國王恩札布德之聖兒
ཁ་ཏྲཾ་ཤོར་ཚུལ་མཛད་དེ་བློན་བུ་བསད། །
三叉墜相砸死宰相子
དེ་ཡི་དབང་གིས་བསིལ་བའི་ཚལ་དུ་བསྐྱལ།།
此因思瓦擦境內驅逐

ཨོ་རྒྱན་ཡུལ་གྱི་ག་ཤོད་བྱ་བ་ན། །
鄔堅地區境域城嘎修
རྒྱལ་པོ་བརྒྱ་བྱིན་རཱ་ཙ་བྱ་བ་དེས།།
國王百施惹匝稱名予
མངའ་འོག་མཐའ་དག་ལོག་ལམ་བཙུད་པའི་ཚེ། །
悉令部屬全入惡道時
སྦྱོར་སྒྲོལ་གྱིས་བསྡུས་ཤཱཎྚ་རཀྵི་བཏགས།།
行殺懷伏稱獻達繞奇

བརྒྱ་བྱིན་རཱ་ཙས་སྲིན་པོ་དཔུང་སྡེབ་ཏེ།།
百施惹匝領羅剎隨眾
གསོད་པ་བགྲོས་ནས་མཚོན་ཐོགས་ལིངས་བཏབ་པས།།
議殺持兵器衝鋒陷陣
སྲིན་པོ་དུར་ཁྲོད་འཕྲང་སྲུང་བ་བསད་དེ།།
羅剎尸林窄道護者殺
ཕྱི་ལ་ཤོར་བས་ཤོར་བ་གཞོན་ནུ་བཏགས།།
奔至外界稱奔外孺童

ཟ་ཧོར་དུར་ཁྲོད་དགའ་ཚལ་བརྟུལ་ཞུགས་མཛད།།
薩霍尸林悅苑淨入行
པདྨ་ལས་འཁྲུངས་མཚོ་དང་རྩུབ་འགྱུར་ཚལ།།
蓮花生源海與刺變苑
ཞབས་བསྒྱུར་གནས་གསུམ་ཌཱ་ཀི་དབང་དུ་བསྡུས།།
至此伏三域札各懷下
མཁའ་འགྲོ་རྣམས་ཀྱིས་རྡོ་རྗེ་གྲགས་པོར་གསོལ།།
空行母取稱多杰昭博

གནས་ཀྱི་མཆོག་གྱུར་རྡོ་རྗེ་གདན་དུ་ཕེབས། །
聖地勝貴菩提嘎雅行
རེས་འགའ་དགེ་སློང་རེས་འགའ་རྣལ་འབྱོར་ཚུལ།།
偶時比丘偶現瑜伽相
སྣ་ཚོགས་སྤྱོད་མཛད་པྲ་བྷ་ཧ་ཏིའི་མདུན། །
各式行徑匝巴哈德前
རབ་ཏུ་བྱུང་བས་ཤཀྱཱ་སེངྒེར་གསོལ།།
受持比丘稱逍迦森給

ཡོ་གའི་ཆོས་སྡེ་ལན་གྲངས་བཅོ་བརྒྱད་གསན།།
優嘎法門聽受十八遍
དགེ་སློང་མཆོག་མ་ཀུན་དགའ་མོ་ཡི་མདུན།།
比丘勝母共悅母於前
སྨིན་གྲོལ་དབང་གི་ཆུ་བོ་མནོས་བྱས་པས།།
熟解灌頂甘露淋獲致
དགེ་སློང་མ་ཡིས་བློ་ལྡན་མཆོག་སྲེད་གསོལ།།
比丘母取稱羅丹究塞

འཇམ་དཔལ་བཤེས་གཉེན་འཇམ་དཔལ་ཆོས་རྣམས་གསན།།
蔣巴席涅受文殊法門
ཧཱུྃ་ཀ་ར་དང་རོམ་བུ་གུ་ཧྱ་དང་།།
吽嘎惹和瀼布歌雅與
དྷ་ན་སཾ་ཏྲི་ཤནྟ་ག་བྷ་དང་།།
達納桑智仙達嘎巴及
ཤྲཱི་སེང་ལ་སོགས་སློབ་དཔོན་བཅུ་གཅིག་བསྟེན།།
喜日僧等依十一導師

རི་བོ་ཏ་ལའི་མཱ་ར་ཏི་ཀའི་ཕུག །
日博達臘馬日德嘎洞
རིགས་གསུམ་མགོན་པོའི་བྱིན་གྱིས་
རླབས་པའི་གནས།།
三密怙主加持之聖地
ཚེ་དཔག་མེད་སྒྲུབ་རིག་འཛིན་ཚེ་མཆོག་ཐོབ། །
長壽佛修持明壽珍悟
མཚན་ལ་པདྨ་བཛྲ་ཞེས་སུ་གྲགས།།
稱號貝瑪班匝威名播

ཛ་ལན་དྷ་རའི་དུར་ཁྲོད་བྱོན་སྐབས་ཞིག།
匝蘭達日尸林趨往際
རྡོ་རྗེ་གདན་གྱི་ཕྱོགས་བཞི་མུ་སྟེགས་པའི།།
菩提嘎雅四方外道至
མཐུ་ཆེན་སྡེ་བཞི་འཁོར་ཚོགས་ལྔ་བརྒྱ་རེ།།
神通力者四部屬五百
ནང་པ་ལ་རྩོད་བསྟན་པ་རྒྱན་འཇོག་ཟེར།།
內教辯外駁敗方歸彼

རྡོ་གདན་པཎྜི་ཏ་ཡིས་རྩོད་ཐུབ་ཀྱང་།།
菩提嘎雅班智辯勝彼
རྫུ་འཕྲུལ་ནུས་པས་མི་ཐུབ་སྙམ་པའི་ཚེ།།
神力競班智判己方敗
རྒྱལ་པོའི་ཕོ་བྲང་པཎ་ཆེན་བཀའ་བགྲོས་ཏེ།།
宮內班智達議論揚揚
ཛ་ལེན་དྷར་ནས་པདྨ་བཛྲ་དྲངས།།
匝蘭達貝瑪班匝迎請

པདྨ་བཛྲ་ཕེབས་ཏེ་བདུད་ཚོགས་ལས།།
貝瑪班匝臨妖魔群內

རྣམ་པར་རྒྱལ་བའི་ཏིང་འཛིན་སྙོམས་པར་བཞུགས།།
永勝禪定境界中入定
ནང་པའི་པཎ་ཆེན་ཕྱི་བ་མུ་སྟེགས་པ།།
內教大班智達外道眾
རྩོད་པ་བྱས་པས་པཎ་ཆེན་རྩོད་ལས་རྒྱལ།།
駁斥班智達優勝贏方

མུ་སྟེགས་སྟོན་པ་བཞི་དང་རྫུ་འཕྲུལ་ཅན།།
外道四方導師神通者
འཁོར་འགའ་ནམ་མཁར་འཕུར་ཚེ་སློབ་དཔོན་ཡིས།།
隨眾些許通者飛天際
སྡིགས་མཛུམ་མཁར་གཏད་བར་སྣང་མེ་འཁོར་བསྐོར།།
蓮師持斥手印轉火輪
ཐོག་གིས་བསྒྲལ་བས་སེངྒེ་སྒྲ་སྒྲོགས་བཏགས།།
雷撃殺害稱森給匝周

དེ་ནས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །
爾後永雷修之山洞內
སྒྲུབ་པ་མཛད་དེ་མི་མིན་དམ་ལ་བཏགས།།
修持敕令非人皆降伏
བོད་ཀྱི་རྒྱལ་པོའི་གདན་འདྲེན་སླེབས་པ་བཞིན།།
藏皇派遣使臣恭迎請
གངས་ཅན་ཁ་བའི་ཞིང་ལ་ཞབས་ཀྱིས་བཅགས།།
雪域藏境世界趨前往

ཧས་པོ་རིའི་རྩེར་སྣང་སྲིད་ཟིལ་གནོན་སྐུས།།
慧柏山頂能顯懷伏予
བོད་ཀྱི་ལྷ་འདྲེ་གདུག་ཅན་དམ་ལ་བཞག།
藏境鬼神威猛者皆伏
བསམ་ཡས་གླིང་བཞི་གླིང་ཕྲན་བཅས་པ་ཡི།།
桑耶四方四隅立築物
རྟེན་དང་བརྟེན་བཅས་བོད་ཀྱི་དབུས་སུ་བཞེངས།།
內佛像外桑寺矗藏央

མཁན་སློབ་ཕྱོགས་གཞན་བཞུད་པར་དགོངས་པའི་ཚེ།།
堪佈蓮師冀赴餘界時
རྒྱལ་པོས་ཕྱག་བཙལ་བཞུགས་གསོལ་བཞིན་ཞལ་བཞེས།།
皇拜求長住蓮師允諾
བོད་རྒྱལ་ཁྲི་སྲོང་ཆེན་པོའི་བཀའ་བཀོད་ལྟར།།
藏皇赤松德贊發心般
མཁན་སློབ་ལོ་པཎ་རྣམས་ཀྱིས་དམ་ཆོས་བསྒྱུར།།
堪佈蓮師譯智齊譯法

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་།།
大導師尊蓮花生源及
སྒྲ་བསྒྱུར་ལོ་ཆེན་ཅོག་རོ་རྣམས་གཉིས་ཀྱིས།།
大翻譯者究日二者予
གསང་སྔགས་ནང་གི་རྒྱུད་སྡེ་བཅོ་བརྒྱད་བསྒྱུར།།
內密續十八項部翻譯
ངེས་གསང་སྙིང་པོའི་བསྟན་པ་དར་རྒྱས་མཛད།།
勝密究竟法教宣廣揚

མཁན་ཆེན་བྱང་སེམས་བྷོ་དྷི་ས་ཏྭ་དང་།།
大堪佈師菩提薩埵及
སྒྲ་བསྒྱུར་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས།།
大翻譯者嘎哇巴哉予
རྟོགས་པ་བསྡུས་པའི་རྒྱུད་རྣམས་བསྒྱུར་བ་དང་།།
悟聚密續法門悉翻譯
རྒྱ་དཔེ་བསམ་ཡས་དཀོར་མཛོད་ནང་བཞུགས་གསོལ།།
印梵原稿置桑耶法藏

ལོ་ཙཱ་ཆེན་པོ་བེ་རོ་ཙ་ན་དང་།།
大翻譯師貝若匝納及
གྲུབ་པའི་སར་གཤེགས་ནམ་མཁའི་སྙིང་པོ་ཡིས།།
成就直證南開寧佈予
རིག་འཛིན་ཤྲཱི་སེངྷ་ཉེར་བསྟེན་ཏེ།།
虔致敬拜仁增喜日僧
རྫོགས་པ་ཆེན་པོའི་ཆོས་སྡེ་བོད་དུ་བསྒྱུར།།
大圓滿法門譯成藏文

པཎ་ཆེན་མཁན་ཆེན་བཱི་མ་བེ་རོ་སོགས།།
班千佈瑪貝若匝納等
ལོ་རྩ་བརྒྱ་རྩ་བརྒྱད་དང་བཅས་པ་ཡིས།།
大譯師一百零八位齊
སྒྲ་བསྒྱུར་གླིང་བཞུགས་རྒྱལ་བའི་མདོ་སྔགས་ཀྱི།།
翻譯苑內顯密真實義
ཟབ་རྒྱས་ཆོས་རྣམས་ཕལ་ཆེར་བོད་དུ་བསྒྱུར།།
深廣法門咸全譯藏文

རྒྱལ་དབང་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡིས།།
勝王鄔堅海生金剛予
བསམ་ཡས་མཆིམས་ཕུ་ལ་སོགས་གནས་མཆོག་ཏུ།།
桑耶青普山等諸聖地
བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཞལ་ཕྱེས་ཏེ།།
經聚如海法之門盛啟
ལས་ཅན་རྗེ་འབངས་ཆོས་ཀྱིས་སྨིན་པར་མཛད།།
福俱王臣佛法心中綻

བོད་ཁམས་ཆོལ་གསུམ་རྫུ་འཕྲུལ་ཞབས་ཀྱིས་བཅགས།།
青康藏境神通遍佈行
རྒྱལ་བའི་དགོངས་བཅུད་འབུམ་ཕྲག་གཏེར་དུ་སྦས།།
如來精髓十萬伏藏埋
གཏེར་སྟོན་ལུང་བསྟན་ཕྱི་རབས་བོད་ཁམས་བསྐྱང་།།

示取伏師何至藏民佑
བོད་ཀྱི་བླ་མ་གུ་རུ་ཨོ་རྒྱན་རྗེ།།
西藏上師蓮花鄔堅尊

འཕོ་ཆེན་སྐུ་བརྙེས་སྲིན་ཡུལ་འདུལ་དུ་གཤེགས།།
大虹光身赴往羅剎國
རྗེས་མཇུག་བོད་ལ་བརྩེ་བའི་ཞལ་གདམས་གསུངས།།
追隨藏民眾竅訣宣教
ཞིང་ཁམས་རྒྱ་མཚོར་སྤྲུལ་པས་འགྲོ་དོན་མཛད།།
無盡剎海繁處化利生
ཨོ་རྒྱན་པདྨའི་སྐྱེས་རབས་དད་ཅིང་མཆོད།།
鄔堅蓮師勝傳淨信供
ཡར་ངོའི་ཚེས་བཅུ་ལ་གུ་རུའི་རྣམ་ཐར་ཀུན་དགའི་གཏམ་བཞིན་རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱིས་འཕྲལ་སྒྲིག་བྱས་པའོ།།༢༠༡༥ ༡ ༡༩
上弦月之十日蓮師勝傳
咸悦言主軸彙集書寫。
迦公仁增塔訫即述書,
亦即時翻譯漢文竟成!
2016/01/19

arrow
arrow
    創作者介紹
    創作者 慢慢 的頭像
    慢慢

    深度西藏旅遊 / 藏傳佛教 持明 仁增塔欽✨晨曦霧散明燦✨

    慢慢 發表在 痞客邦 留言(0) 人氣()