image.jpeg

 

༄༄། །ཐུབ་ཆོག་བྱིན་རླབས་གཏེར་མཛོད་བཞུགས་སོ།།

釋尊加持寶藏儀軌

༄༄། །ན་མོ་གུ་རུ་ཤཱཀྱ་མུན་ཡེ། 

南無歌熱夏

དེ་ཡང་མདོ་ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་དང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེན་མྱ་ངན་འདའ་བར་འགྱུར། ཞེས་དང་། སྐུ་ལུས་དག་ནི་གསེར་གྱི་མདོག་འདྲ་བས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས།དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་བཞག་ཡིན། ཞེས་གསུངས་པ་བཞིན་དུ།བདག་ཅག་རྣམས་ཀྱི་སྟོན་པ་མཚུངས་པ་མེད་པ་ཐུབ་པའི་དབང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་དུ་བྱ་བ་ནི། འདི་ལྟ་སྟེ།

,禪定王經載:行與坐和立及寢息時,任誰能仁佛月觀想已,於彼前方能仁常安住,彼必廣大涅槃寂靜獲。如述。佛身此如黃金色澤般,滅依主任一勝莊嚴,觀置此緣任孰心融入,淨悟菩薩此乃平禪定。如述般 吾等本師無比能仁釋迦牟尼佛隨其憶念諦悟謂如是行

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། 

諸佛正法勝僧珍貴

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། 

淨悟菩提直證吾皈依

བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། 

以我佈施行持福德

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག     ལན་གསུམ།

為利眾生願臻達佛果         三遍

ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། 

前面觀修四無量心後

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག 

一切眾生快樂快樂之因願

སྡུག་བསྔལ་དང་སྡུག་གྱི་རྒྱུ་དང་བྲལ་བར་གྱུར་ཅིག 

一切眾生痛苦及痛苦之因願遠離

སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག་ 

無有痛苦之珍貴快願永不

ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག 

 近遠貪瞋二者遠離平等無量願安住

ཆོས་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པའི་དོན་ཡིད་ལ་དྲན་པའི་ངང་ནས།

一切諸法顯現,本質無立之意於意中觀想

ཨཿ  །སྐྱེ་མེད་སྟོང་པ་ཉིད་དང་རྟེན་འབྱུང་གི 

阿 無生空性及緣起之

སྣང་བ་འགག་མེད་ཟུང་འཇུག་སྒྱུ་མའི་ཚུལ། 

顯現無滅雙融遊戲貌

རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། 

前方虛空供海中

རིན་ཆེན་སེང་ཁྲི་པད་ཉི་ཟླ་བའི་སྟེང་། 

寶獅座蓮花日月上

སྟོན་པ་མཚུང་མེད་ཤྭཀྱ་སེང་གེ་ནི། 

本師無比釋迦獅子謂

གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ལྡན། 

金澤德相隨形圓滿嚴

ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲང་བཞུགས། 

著三法衣金剛跏趺

ཕྱག་གཡས་ས་གནོན་ཕྱག་རྒྱ་ལེགས་བརྐྱངས་ཤིང་། 

右手抑地手印妙

ཕྱག་གཡོན་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། 

左手甘露持等持印

གསེར་གྱི་རི་ལྟར་གཟི་བརྗིད་དཔལ་འབར་བ། 

宛如金山威光盛燃耀

ཡེ ་ཤེས་འོད་ཟེར་དྲྭ་བས་མཁའ་དབྱིངས་ཁྱབ། 

智慧光束網遍虛空

ཉེ་བའི་སྲས་བརྒྱད་གནས་བརྟན་བཅུ་དྲུག་སོགས། 

近八菩薩十六羅漢等

འཕགས་ཚོགས་རྒྱ་མཚོའི་འཁོར་གྱིས་ཡོངས་བསྐོར་ཞིང་། 

尊者如海聖眾咸環繞

དྲན་པ་ཙམ་གྱིས་སྲིད་ཞིའི་མཐའ་གཉིས་ལས། 

思即邊界裡

རྣམ་གྲོལ་བདེ་བ་མཆོག་གི་དཔལ་སྩོལ་བ། 

最勝大尊貴吉施予

སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ།

境總集大本

ཞེས་དེ་ལྟར་སངས་རྒྱས་ཀྱི་སྐུ་ལ་དམིགས་ཏེ་དེ་ན་དངོས་སུ་བཞུགས་ཡོད་སྙམ་པའི་སེམས་བསྐྱེད་མ་ཐག་ཏུ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ཕྱོགས་དང་དུས་གང་དུ་ཡང་ཉེ་རིང་མི་མངའ་བའི་ཕྱིར། གང་དུ་དམིགས་པ་དེ་ཉིད་དུ་ངེས་པར་བཞུགས་པར་འགྱུར་ཏེ། མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང། །ཉེས་པ་ཀུན་ལས་རྣམ་པར་གྲོལ།ཞེས་གསུངསཤིང། རྒྱལ་བདེ་ཉིད་ལདམིགས་ནས་ཚོགས་བསགས་པ་ཡང་མི་ཟད་པའི་དགེ་རྩ་ཆུད་མི་ཟ་བ་ཡིན་ཏེ། ཕལ་པོ་ཆེ་ལས། རྒྱལ་བདེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང།།ཚད་མེད་པ་ཡི་བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤང་འགྱུར་དུ། །འདུས་བྱས་འདི་ནང་བར་མ་དོར་ནི་ཟད་མི་འགྱུར། ཞེས་དང།དེའི་མདུན་དུ་སྨོན་ལམ་ཇི་ལྟར་བབ་པ་ཡང་དེ་བཞིན་དུ་འགྲུབ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིནཏེ། །འདུན་པའི་རྩེ་ལ་རབ་ཏུགནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འཐོབ་པར་འགྱུར། ཞེསགསུངས་པའི་ཚུལ་རྣམས་ལ་ངེས་པ་བརྟན་པོ་བསྐྱེད་དེ།

如是覺綻佛身觀想,安住於此之思,發菩提心當下,一切覺綻佛智慧,方位、時間、於何處、或近或遠皆無有,何處觀想堅信即變現住於何處。經載任孰覺綻佛意觀,彼前方住於此,恆常對其作加持,缺惡悉全勝解脫。如述

永勝佛此觀想,能積累福德,善根永不枯竭未耗損即是。

嚴經載

永勝佛此聞視供行 無量無邊福德增廣 煩惱輪迴惑苦咸遠離 有為之此其間未能竭 如述 於此前方祈願何所做,如是事

文殊淨土功德明示所載:

全即是緣  想念存住  任孰如是行 依彼相圓果獲致  如上穩信起後

སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང། 

大慈悲引此

བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། 

示現廣揚五百

པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག 

白蓮讚名聞不退

སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚ་ལ་ལོ། 

釋尊慈勝具誠頂

བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས།  

自他三門善根富與共

ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། 

普賢供養雲般觀想獻

ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་པ། 

無源積累墮咸無

སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། 

心中愧疚猛烈逐一

འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ནི། 

勝者人之善根

དུས་གསུམ་བསགས་ལ་རྗེས་སུ་ཡི་རང་ངོ། 

悉數累積皆隨喜

ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་འཁོར་ལོའི་ཚུལ། 

深及廣博正法輪貌

ཕྱོགས་བཅུར་རྒྱན་མི་འཆད་པར་བསྐོར་དུ་གསོལ།

十方永續不輟願常

ཁྱོད་ནི་ནམ་མཁའ་ལྟ་བུའི་ཡེ་ཤེས་སྐུ།  

汝似虛空般之智慧身

དུས་གསུམ་འཕོ་འགྱུར་མེད་པར་བཞུགས་མོད་ཀྱི། 

無變恆常住此然

གདུལ་བྱའི་སྣང་ངོར་སྐྱེ་འཇིག་ཚུལ་སྟོན་ཀྱང། 

度徒現前生滅相顯然

སྤྲུལ་པའི་གཟུགས་སྐུ་རྟག་ཏུ་སྣང་བར་མཛོད། 

化現之身恆常願實現

བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། 

吾以三累積善根引

མཁའ་ཁྱབ་འགྲོ་བ་ཀུན་ལ་ཕན་སླད་དུ། 

利遍盡虛空有情眾

ཆོས་ཀྱི་རྒྱལ་པོ་རྟག་ཏུ་མཉེས་བྱེད་ཅིང་། 

正法勝王恆時慧悅獲

ཆོས་རྗེ་རྒྱལ་བའི་གོ་འཕང་ཐོབ་པར་ཤོག 

尊聖王果位願獲致

བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་རྣམས། 

吾等濁世無之眾生

ཐུགས་རྗེས་ལྷག་པར་བཟུང་བའི་བཀའ་དྲིན་ལས། 

大悲尤為攝領恩德

ཞིང་དང་དུས་འདིར་རིན་ཆེན་རྣམ་གསུམ་གྱི། 

淨土此時稀貴三寶之

སྣང་བ་ཇི་སྙེད་ཁྱེད་ཀྱི་ཕྲིན་ལས་ཉིད། 

顯現咸全事業之本貌

ད་ཕྱིར་སྐྱབས་མཆོག་མཚུངས་མེད་གཅིག་པུ་རུ། 

故而貴珍無倫尤唯

ཡིད་ཆེས་དད་པས་སྙིང་ནས་གསོལ་འདེབསན། 

信心由衷誠

སྔོན་གྱི་དམ་བཅའ་ཆེན་པོ་མ་བསྙེལ་བར། 

往昔誓諾悉全勿未踐

བྱང་ཆུབ་བར་དུ་ཐུགས་རྗེས་རྗེས་འཛིན་མཛོད།

悟證菩提之間大悲持

ཅེས་ཡིད་ཆེས་ཀྱི་དད་པ་དྲག་པོས་སྟོན་པ་དངོས་སུ་བཞུགས་ཡོད་སྙམ་པའི་སྐུ་ལ་རྩེ་གཅིག་ཏུ་དམིགས་ཧེ།

以猛烈相信之信心,如同釋尊真實住於此思惟以佛身一心觀住

བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ།

上師、本師、伏德越、法界滅魔敵、究竟圓滿之、覺綻佛、吉、永勝、釋迦能仁 頂禮  供養誠皈依

ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་ཤེར་ཕྱིན་ཡི་གེ་ཉུང་དུ་ལས་གསུངས་པའི་གཟུངསནི།  

為激勵慧續較少字般若所宣咒

ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭ་ཧཱ།

碟雅塔 嗡 牟尼 牟尼 哈 牟尼耶 梭哈

ཞེས་ཅི་རིགས་དང། ཨོཾ་མན་ཆད་ཅི་འགྲུབ་ཏུ་བཟླའོ། འདི་དག་གི་སྐབས་སུ་སྟོན་པའི་ཡོན་ཏན་རྗེས་སུ་དྲན་ཏེ། དད་པའི་སེམས་ཀྱིས་རྩེ་གཅིག་ཏུ་སྐུ་ཡི་གསལ་སྣང་ལ་དམིགས་ནས།  

如是盡量及嗡以下盡力而為需修誦,此後釋尊之功德意觀,恆具信心以佛身之顯現觀住後

མཚན་བརྗོད་པ་དང། གཟུངས་བཟླས་པའི་རྐྱེན་གྱིས།སྟོན་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པའི་སྣང་བ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་ཞིང། ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཚུལ་བཞིན་དུ་སྐྱེས་ཏེ་ཕྱིར་མི་ལྡོག་པའི་ས་ནོན་པར་གྱུར དེ་ལྟར་ཅི་ནུས་སུ་བརྩོན་པར་བྱའོ།

念佛與持誦心咒由,釋尊身中放射種種光束吾及一切有情之業障悉全淨化,且覺階真實勝道之功德心中生起而獲不退轉地之果位。此時精進盡力而為

ཐུན་མཚམས་རྣམས་སུ་མཎྜལ་སོགས་མཆོད་པ་དང་། ཐུབ་བསྟོད་ཀྱི་རིགས་དང་། སྙིང་རྗེ་པད་དཀར། རྒྱ་ཆེར་རོལ་པ། སྐྱེས་རབས་སྣ་ཚོགས། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ་སོགས་མདོ་གང་འདོད་ཅི་ལྟར་ནུས་པར་བཀླགས དགེ་བའི་རྩ་བ་རྣམས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་སྨོན་མ་གྱི་རྒྱས་གདབ་པར་བྱའོ། སྤྱིར་འགྲོ་འཆག་ཉལ་འདུག་གི་སྐབས་ཀུན་ཏུ་སྟོན་པ་ཉིད་མ་བརྗེད་པར་དྲན་པ་དང། མཚན་མོ་ཡང་སྟོན་པ་དངོས་སུ་བཞུགས་པའི་སྐུ་ཡི་འོད་ཀྱིས་ཕྱོགས་ཐམས་ཅད་ཉིན་མོ་ཤིན་ཏུ་དྭངས་བའི་དུས་ལྟ་བུར་སྣང་བའི་འདུ་ཤེས་ཀྱི་ངང་དུ་གཉིད་ལོག་པར་བྱ། དུས་རྒྱུན་དུ་སྟོན་པ་ཉིད་ཀྱིས་ཇི་ལྟར་ཐུགས་བསྐྱེད་པའི་ཚུལ་ལས་བརྩམས་སྟེ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ལ་རྗེས་སུ་གཞོལ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་དམ་བཅའ་ལྟོད་པ་མེད་པའི་ངང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང་།ཁྱད་པར་ཞི་ལྷག་གི་རྣལ་འབྱོར་ལ་ཅི་ནུས་སུ་བརྩོན་པས་དལ་འབྱོར་ཐོབ་པ་དོན་ལྡན་དུ་འགྱུརཏེ།  བདག་ཅགགི་སྟོན་པ་འདི་ཉིད་ཀྱི་མཚན་ཐོས་པ་ཙམ་ཞིག་གིས་རིམ་གྱིས་བྱང་ཆུབ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་བ་མདོ་དུ་མ་ནས་གསུངས་ལ། གོང་དུ་བསྟན་པའི་གཟུངས་འདི་ལས་སངས་རྒྱས་ཐམས་ཅད་བྱུང་ཞིང།  གཟུངས་འདི་རྙེད་པའི་མཐུས་ཤཱཀྱའི་རྒྱལ་པོ་ཉིད་སངས་རྒྱས་ཤིང། སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག་ཏུ་གྱུར་པ་དང། གཟུངས་འདི་ཐོས་པ་ཙམ་གྱིས་བསོད་ནམས་རྒྱ་ཆེན་པོ་ཚེགས་མེད་པར་འཐོབ་ཅིང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང། སྔགས་བསྒྲུབ་པ་ན་བགེགས་མ་མཆིས་པར་འགྲུབ་པར་འགྱུར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་པ་དེ་ཉིད་ལས་གསུང་ཤིང། བཀའ་གཞན་ལས་ཀྱང་གཟུངས་འདི་ལན་གཅིག་བཟླས་པས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཁྲིའི་བར་དུ་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་ཞིང། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྙིང་པོ་དམ་པ་ཉིད་དུ་གསུངས་སོ། དད་པ་བསྐྱེད་པ་དང་ཞི་ལྷག་གི་རྣལ་འབྱོར་ལ་ཇི་ལྷར་བརྩོན་པའི་ཚུལ་ཟུར་དུ་བཤད་པར་བྱའོ།  །ཞེས་པ་འདི་ནི་བསླབ་གསུམ་ནོར་བུའི་མཛོད་མངའ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་ནན་ཏན་དུ་བསྐུལ་བ་ཡིད་ལ་འཇགས་པའི་སྟེང་དུ་ཉེ་ཆར་ཡང་དབོན་རིན་པོ་ཆེ་ཉིདནས་སྤྲུལ་པའི་སྐུ་འཇིགས་མེད་པད་མ་བདེ་ཆེན་ལ་སྒྲནཏེ།རིན་ཆེན་དང་པོ་སོགས་བཀྲ་ཤིས་པའི་ལྷ་རྫས་ཀྱི་སྐྱེས་དང་བཅས་མྱུར་དུ་འགྲུབ་པར་གྱིས་ཞེས་དམ་པ་ཟུངགི་བཀས་བསྐུལ་བ་ལ་བརྟེན་ནས།  སྟོན་པ་མཆོག་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་།  དུས་མཐར་ཆོས་སྨྲ་བའི་མིང་ཙམ་འཛིན་པ་ཤཱཀྱའི་རྗེས་འཇུག་མི་ཕམ་འཇམ་དབྱངས་རྒྱ་མཚོས།  རྫ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་ཕུན་ཚོགས་ནོར་བུའི་གླིང་དུ།  ཚུལ་འདི་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྟོན་པ་ཐུབ་པའི་དབང་པོའི་བྱིན་རླབས་མཚུངས་པ་མེད་པ་མངོན་དུ་འཇུག་པར་གྱུར་ཅིག

節邊界時供養達拉等釋尊諸類禮讚及《大悲蓮花經》、《方廣大莊嚴經》、各種成道歷程、《伏德越佛一百零八種名號》等經文,己所想即盡力念誦,善根種向無上菩提及祈願覆持,總之於行眠坐隨時皆釋尊朕莫忘憶念及夜寢眠之時,真實安住於此,身內顯耀各種光綻放十向,猶如白晝般極清淨依此顯相之觀念入眠。

恆時憶想 由何時?初發淨悟菩提心直至成道所歷經之各種事蹟。及於,三如來佛與大雄心菩薩眾之聖跡,悉皆遵循修學發起淨悟菩提心,立誓諾之發心絕不懈棄。雄心菩薩眾之共所行持與尤是直觀之悟,盡力精進達成,令此難得人身深俱意義

眾等釋尊,僅聞其尊聖號漸趨菩提心勝道前進恆時不退轉,眾多經文宣說。上述咒文內所有一切如來均出現,因得此神咒力,能釋尊亦證悟佛果,觀音菩薩菩提雄心之行為珍貴及,聽聞咒文即福德廣大,無勤情況下獲得,業之障礙悉全淨化密咒修持無礙達成境界,此於般若波羅蜜多文字較少內所載。其他教言亦云念誦此咒一遍,淨化百萬億業障等無量功德俱全,法界仁釋珍貴心髓,產生信心或止觀如何精進,另說明之。

此乃三摩尼寶藏掌握者烏堅丹增諾供養吉物尊其謹記用心提請述說,爾後邀貝瑪德千獻供第一珍寶等吉祥聖禮,此二珍貴修行成就者提醒之因,請尊速疾完成祈請文。

釋尊無比巨信,濁世講法名持者能仁釋尊隨跡米旁蔣迦措,多傑槃修山之山坡圓滿寶藏區,此儀軌、聞、憶之眾有情自相續中本師釋迦能仁無比加持直接願入獲得

བདེ་གཤེགས་རྒྱལ་སྲས་ཀུན་གྱི་ཐུགས་བསྐྱེད་དང།  

臻佛暨法子咸發

མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ།  

佛業祈願智悲及力量

བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ།  

無上智慧遊戲如何狀

དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།               

即此樣貌吾等願皆成

嘎達瓦持明新譯

arrow
arrow

    慢慢 發表在 痞客邦 留言(0) 人氣()