close

持明 仁增塔欽仁波切 2021.09.08

藏傳佛教大大小小的寺廟中,有持戒嚴謹之滿地染紅的沙彌和比丘們;同時,巍峨雪山照亮了穿著白衣的密續瑜伽士,也有許多人在此生就達成證悟。

這就是顯密雙修的世界、雪域圍繞的藏傳佛教,您懂嗎?吧

ཕ་ཡུལ་རྫོགས་ཆེན་ཤྲཱི་སེངྷ་ཧའི་དབྱར་གནས་ལྗོངས་རྒྱུ། 


ཐུབ་བསྟན་སྤྱི་ཡི་སྒྲོམ་གཞི་ཆོས་འདུལ་བ།།

བསྟན་པ་ཡོངས་ཀྱི་རྩ་ལག་སྔགས་བརྒྱུད་སྡེ།།

རྒྱལ་བསྟན་སྙིང་པོའི་ཉམས་ལེན་རྫོགས་པ་ཆེ།།

རྣམ་གསུམ་དབྱེར་མེད་ཆེན་པོར་རྒྱུལ་གྱུར་ཅིག།།


མཐིང་སྔོན་གནམ་གྱི་མཐོངས་མཁའ་ཡངས་པ་རུ།།

ཆུ་འཛིན་བླ་བྲེའི་དར་ཐག་ཕྱོགས་སུ་འཐེན།།

གསེར་ཆེན་མེ་ཏོག་བཞད་པའི་ཡངས་ཐང་ལ།།

ཉི་བྱེད་འོད་ཀྱིས་འཁྱུད་པའི་བཤད་གྲྭ་བརྗིད།།


སྲིད་པའི་ཞེན་བཅད་ངེས་འབྱུང་སེམས་ཀྱིས་བསྐུལ།།

མ་ཆགས་འདུལ་བསྟན་འདུལ་བ་བཞིན་འཛིན་པའི།།

ཕམ་ལྷག་དྲི་བྲལ་འཕགས་པ་དགྱེས་པའི་ཚོགས།།

སྟོན་དང་བསྟན་པ་གཉིས་ཞེས་བསྔགས་དེར་འདུད།།


ཕམ་ལྷག་གཙང་མའི་དབྱིག་འཛིན་ཡངས་པ་རུ།།

འདུལ་སྡོམ་མ་ལ་ཡི་ཡོངས་འདུས་ལྗོན།།

ཡོངས་སུ་བཞད་པའི་དྲི་བསུང་དངར་མོ་ཡིས།།

གངས་ཅན་ས་སྤྱོད་ཞིང་ཀུན་ཁྱབ་གྱུར་ཅིག།།


བསླབ་གསུམ་ནོར་བུའི་མཛོད་ལ་འབང་འབྱོར་བའི།།

རྣམ་གསུམ་ཆོས་གོས་ལྷབ་ལྷུབ་གཡོ་བ་ཡི།།

ཚུལ་གསུམ་མཁས་པའི་དགེ་སྦྱོང་དག་མ་ཡིས།།

ཆོལ་གསུམ་བྷོད་ཀྱི་ས་ཆེན་མཛེས་གྱུར་ཅིག།

arrow
arrow
    全站熱搜
    創作者介紹
    創作者 慢慢 的頭像
    慢慢

    深度西藏旅遊 / 藏傳佛教 持明 仁增塔欽✨晨曦霧散明燦✨

    慢慢 發表在 痞客邦 留言(0) 人氣()