close

 

轉載持明:2016年12月31日夜晩12點即將送走,2017年1月1日來臨的第一分鐘發出此祝福文,有緣見者可閲讀內文一遍,祈祝健康安泰、佳運順成、福慧圓滿、解脫成佛!

image.jpeg

 

image.png

image.png

image.png

 

image.jpeg

 

《持明恩師仁增塔欽 漢藏翻譯》

我的美篇

༢༠༡༦ ལོའི་ཟླ་པའི ༡༢ པའི་ཚེས ༣༡ སོང་ནས་༢༠༡༧ ལོའི་ཟླ་པའི༡ པའི་ཚེས ༡ བསུ་བའི་གཏམ་ཐུང་།
         ་་་་རྒྱ་ཀོང་རིག་འཛིན་མཐར་ཕྱིན།
恭送2016年12月31日迎接2017年元旦
མཚན་དཔེའི་གསེར་མདངས་འཚེར་བའི་ཐུབ་པའི་དབང།།
德相金澤曜亮能仁佛
དུས་ཀྱི་འཁོར་ལོར་སྙོམས་པར་ཞུགས་བྱས་ཏེ།།
時輪金剛平禪入定中
བཀྲ་ཤིས་དུས་གསུམ་དུས་མེད་སྤྲོས་བྲལ་དུས།།
三時無有吉祥離戲境
སེམས་ཅན་ཀུན་གྱི་ཡིད་ལ་འདྲེན་གང་རྒྱལ།།
有情咸意覆賜佛頂禮
དུས་ཀྱི་འགྱུ་བ་ནི་དབུགས་ཀྱི་རྒྱུ་བ་ལས་མྱུར་བའི་ཆུ་བོ་གཟར་པོའི་་འགྲོས་ལྟར་སྔ་མ་འབབ་ནས་སོང་ཀྱང་ཕྱི་མ་སླར་ཡང་མུ་ནས་སྔར་ལྟར་རྒྱུ་བ་ཞིག་རེད། དེ་ལྟའི་འགྱུར་འཇིག་དུས་ཀྱི་ཡོ་ལང་ཁྲོད། མྱི་ཞིག་གི་ཚེའི་རྒྱུན་ལ་གནས་ཡུལ་སྣ་ཚོགས་པའི་ཁང་ཁྱིམ་ཁོར་ཡུག་བཅས་པའང་བརྗེ་བོ་མི་ཉུང་པ་ཞིག་བྱས་པས་མ་ཚད། མྱི་སྣ་མི་འདྲ་བའི་སྤྱི་ཚོགས་ནང་དུ་རེ་དོག་གི་སེམས་པས་བྱས་པའི་བདེ་སྡུག་དངར་སྐྱུར་གྱི་དྲོ་བའང་གང་མང་མང་མྱོང་བཞིན། ཉི་འོད་སྣང་བ་དཀར་པོའི་འོག་ཏུ་དེ་རིང་བར་གསོན་པོར་འཚོ་བཞིན་པའི་ང་ཚོས་འདས་དོན་ལ་བསམ་གཞིག་རེ་བྱས་ན།བྱ་རྫོགས་སྐད་གཅིག་མའི་རྨི་ལམ་ཐེངས་གཅིག་གི་ཉམས་འགྱུར་ཙམ་པོ་དེ་
དུས་མཐའི་སྐད་གཅིག་མ་ཙམ་ལས་མེད་ཟེར་ནའང་ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་ལ་དེ་ལྟར་གྲུབ་པས་མ་ཚད།
རགས་པ་རྒྱུན་གྱི་མི་རྟག་པ་ལ་འདྲ་བ་གཞན་འབྱུང་གི་འཁྲུལ་རྒྱུས་དབང་ཡུལ་གྱི་ཚོར་སྣང་སྦྲིད་པའི་མྱི་ཞིག་ཡིན་ཙང་། ཆུང་ནས་ད་བར་གྱི་མྱི་ཚེའི་སྲིད་པ་གང་ལ་བལྟས་ཀྱང་དུས་ཀྱིས་ཉེན་པའི་སྣོད་བཅུད་ཀྱི་སྐྱེ་འཆི་འདི་མ་དག་སྡུག་བསྔལ་བདེན་པའི་རང་བཞིན་ཞིག་པ་དང་འགྱུར་བ་ཉག་གཅིག་ལས་མེེད་པའི་ཚོར་བ་གཏིང་ཟབ་རེ་སྐྱེ་ངེས་པ་ཞིག་རེད།
   時間變化如呼吸般迅速,彷如流水湍瀑般急促,前時已逝來時又臨,如是複雜變遷中,一個人壽命未輟的相續裡,地域、處所、住家等環境已迭換不少,不僅如此,人在各種人群及社會裡,一顆執著的心一直不停地創造及感受苦樂酸甜的滋味,在日光白顯燦爛下仍存活至今日的吾等,若憶及往昔之歲月時,成事剎那猶如一回夢境此般,時邊際剎那以外無有的,如此的說明,細微本質之無常來說的話,可說通成立的。
   粗部續流之無常不明、相續幻覺的根等和對境錯亂之人,應可看到從小到大的人生輪迴裡,時之無常迫使情器生滅,不淨苦諦之本質乃無常,無堅穩的感受會產生的。
ལས་རླུང་ཀུན་རྟོག་སྨུག་མུན་མཐུག་དྲག་པས།།
業風妄念霧霾濃厚因
དུས་གསུམ་འཛིན་པ་ནང་ནས་མ་དྭངས་བཞིན།།
三時執著內心未清淨
འཁྲུལ་བཞིན་འཕྱན་པའི་བདེ་སྡུག་རང་མཚན་ཀུན།།
幻者虛墮庸凡諸苦樂
མེ་ལོང་ཧ་བཏབ་བཞིན་དུ་ཡལ་གྱུར་ཅིག།།
銅鏡呼氣瞬息願消逝
འདི་སྣང་རྒྱང་རིང་བསྐྲད་དེ་གཟིགས་སྣང་ གོང་མ་ལ་ཕེབས་འདོད་པའི་རྣལ་འབྱོར་པ་རྣམས་ཀྱིས། མ་རིག་ལ་སོགས་དུས་སྦྱོར་བཅུ་གཉིས་ཀྱི་སྩོལ་ཞེན་འཛིན་བཅས་ཀྱི་རྟེན་འབྲེལ་དབྱིངས་སུ་དག་ནས་དུས་རྡུལ་ཡོངས་སུ་དྭངས་བའི་ངོ་མཚར་ལ་དབང་བའི་མཚུངས་མེད་སྟོན་མཆོག་ཤཀྱཱ་སེངྒེ་དང་། སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོ་དབྱེར་མེད་པའི་ལྟ་ཟབ་དགོངས་ཀློང་ཡངས་པར་ང་ཚོ་ཚེ་ལུས་འདི་ལ་གྲོལ་བའི་བསྐལ་བ་ཅན་དུ་བྱ་བའི་ཆེད་དུ། སྔོན་ནས་ཤར་ཤར་རྒྱུ་བའི་དུས་ཚོད་རྣམས་དམ་དུ་འཛིན་ཅིང་ཉིན་ལྟར་ཤར་བཞིན་པའི་ཉི་ཟླའི་སྒྲོན་མེའི་འོག་ཏུ་ཐོས་བསམ་བསྒོམ་པ་ལ་སྒོ་གསུམ་འཇུག་པ་ཅི་ནུས་ཀྱིས་འབད་ན། བགས་ཆགས་ངན་པའི་སེམས་ཀྱི་སད་སེར་རབ་ཏུ་ཞི་ནས། དགེ་སེམས་ཐར་བ་དང་འབྲེལ་བའི་པད་རྩ་བརྟན་པོར་གྱུར་ཏེ། ཞི་བདེའི་རང་བཞིན་གྱི་སེམས་ཀྱི་མེ་ཏོག་ཀླད་པའི་དྭངས་འདབ་སླད་མེད་མཛེས་པར་གཞད་དེ་རྩ་ཁམས་རུས་རྒྱུས་ཀྱིས་སྦྲེལ་བའི་ལུས་ཀྱི་བདེ་ཐང་གོང་དུ་འཕེལ་བ་དང་། སེམས་ཀྱི་ངེས་འབྱུང་ཤེས་རབ་སྙིང་རྗེ་བཅས་པ་དེ་སྟོབས་སུ་བརྟས་ནས། ཡེ་ཤེས་ལ་དབང་བའི་མྱི་བུ་ཐར་ལམ་ལས་མི་འདའ་བ་ཞིག་བྱུང་ན། རང་ཉིད་སྐྱེས་པ་དོན་ལྡན་དང་གཞན་པ་མཐོང་ཐོས་ཡོད་པ་ཀུན་ལའང་གནོད་པ་མི་འབྱུང་ཞིང་ཕན་པ་ཅི་རིགས་ཞིག་འབྱུང་ངེས་པས། ཐུབ་བསྟན་མདོ་སྔགས་གཉིས་ལྡན་གྱི་ཆོས་སྒོའི་ཐད་ལ་ཐོས་བསམ་སྒོམ་པའི་འབད་པ་མི་འདོར་བ་དུས་ཚོད་དམ་འཛིན་བྱེད་པ་གལ་ཆེ་བ་ནི་ཤེས་གསལ་ལྟར་རེད་ཞུ་རྒྱུ་བྱུང་་་་
   此生之顯執驅出遙遠,清淨仰望勝上覺悟尊位,欲修之諦悟瑜伽眾們。
   無明等時行十二勤勞執著黏共之緣起,法界中清淨。時灰悉全勝淨奇哉擁有的無比導師能仁逍迦僧給及第二佛大鄔堅尊無別慧界智慈廣袤性內,吾等此生當中願變成行持解脫之福俱者,現前不停流逝的時間全部掌握,每日於日月明燈下一直出現的時光皆應聞思修,三門皆融入佛法且竭力行持,則內心不好的習性令枯萎且極為淨化,進而善根解脫花朵之根穩固,喜樂寂靜本質的心花之腦無污莊嚴綻放,筋脈肉包覆之身軀越發健康,則心的出離心、智慧、慈悲等佛力皆增長,擁有佛慧之人子,若變成唯希求解脫之道外、不越其他之人,自己的誕生有意義,其他凡見到、聽到之有緣人皆不會傷害,多少都會利益得到。
   故能仁之法教、顯密二融的法門上,聞思修的精進不捨棄,掌握時間乃極大重要。
   就這些想講了。
དུས་དང་དུས་སུ་སེམས་ལ་བདེ་སྐྱིད་འཛུམ།།
時及時間心樂之笑容
ནམ་དང་ནམ་ཡང་ཡིད་ལ་དགྱེས་པ་འཕེལ།།
隨時隨緣意中悅樂增
གང་དང་གང་དུ་གཞན་ཕན་ལས་ལ་བརྩོན།།
任孰任處利益眾生行
སྐར་དང་སྐར་ཆ་རང་སེམས་བལྟ་མཁས་སྨོན།།
每分每秒己心禪見成
བོད་མེ་སྤྲེའུ་ལོའི་སྟག་ཟླའི་ཡར་ཚེས་གཉིས་ལ་སོར་མོ་འགུལ་ཙམ་བྱས་འདི་དགེ་བར་གྱུར་ཅིག།
   藏曆火猴年虎月上弦二日指動一下撰成,善哉!

https://www.meipian.cn/b4nhka2?from=timeline&isappinstalled=0#

 

arrow
arrow

    慢慢 發表在 痞客邦 留言(0) 人氣()