close
image.jpg  
《雲遊教授佛法老師康巴仁增塔訫法》
ལས་བརྐོས་བརྩོན་པས་སྐྱོང་པའི་བསོད་ནམས་རི་བོའི་དཔལ་བརྟས་ལ།
རྣམ་དཔྱོད་སེམས་ཀྱི་རྒྱ་མཚོར་ཤེས་བྱ་ནོར་བུའི་གན་མཛོད་བརྡལ།།
མཛད་སྤྱོད་དྲང་སྲོང་འཛིན་མར་ཕན་བདེའི་པད་ཚལ་རབ་བཞད་པའི།།
མྱི་བུའི་བསམ་སྤྱོད་བཟང་པོ་ས་ཆེན་འདི་ཡི་རྒྱན་དུ་གྲུབ།།
མང་འདུས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་པའི་བསམ་བཟང་དང་། སྤྱོད་བཟང་འཆང་མཁན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་དེའི་ཡིད་མཁར་དྭངས་མ་ལས་འཕོས་པའི་བཟང་སྤྱོད་ཕྲིན་ལས་ཀྱི་ཆ་ཤས་རེས་ཀྱང་། བསྟན་འགྲོའི་བདེ་དོན་སྤེལ་བའི་ངོ་མཚར་རབ་ཏུ་བརྟས་པ་དེའི་དགོངས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པའི་ཆེད་དུ། རང་རེའི་ཉིན་རེའི་འཚོ་བའི་ཁྲོད་དུ་ཁ་གཏད་བཅག་དགོས་པའི་བསམ་པ་སེམས་ཀྱི་ལྟ་བ་དང་། སྤྱོད་པ་ལུས་ངག་གི་བྱ་བ་ཚང་མ་ཡ་རབ་དྲ་མའི་རིགས་ལ་ཞྭ་དཔེ་ཡར་བལྟ་བྱས་ཏེ་རང་བཅོས་གཞན་སྐྱོང་། རང་འགན་རང་ཁུར། གཞན་ཕན་ཡར་བསྐུལ། ལེགས་པར་སློབ་སྦྱོང་། ཉེས་སྐྱོན་བཟང་བསྒྱུར་སོགས་མྱི་ལུགས་ལ་གནས་པ་དང་། 
ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ།།འདུན་པའི་རྩེ་ལ་རབ་ཏུ་གནས།།ཞེས་པ་ལྟར་འཁྲུལ་སྣང་གི་ཞེན་པ་དང་། སྡིག་སེམས་གོམས་རྒྱུན་ལས་བྱུང་བའི་འཁོར་བ་ངན་སོང་གི་འཛིན་པ་ཐམས་ཅད་དག་དྲན་སྣང་གྲགས་རིག་གསུམ་གྱི་འཁོར་ལོར་བསྒོམས་པའི་འབྲས་བུ་བསླུ་མེད་ལ་ངེས་ཤེས་བརྟན་པོས། མྱི་ཚེའི་ཡོ་ལངས་ཁྲོད་ཆོས་འབྱེད་ཀྱི་ཤེས་རབ་དང་། ཀུན་སྣང་གི་སྙིང་རྗེ་ལྡན་པས་རྒྱུ་འབྲས་ཟབ་མོ་ལ་བླང་དོར་ནུས་ཤིང་། སྟོང་རྟེན་དབྱེར་མེད་ལས་བྱུང་བའི་ད་ལྟའི་སྣང་བ་འདིའི་སྣོད་བཅུད་ཀྱི་འཛིན་རྩོལ་ནང་ནས་ཞིག་ཏེ། བདེ་ཆེན་གཏན་གྱི་དགའ་བ་རྣམ་མཁྱེན་དོན་གྱི་རྒྱལ་ཐབ་བདག་གིར་བྱ་ཐུབ་ཅིང་དམ་ཆོས་ཡང་དག་ལ་ཉམས་ལེན་ནུས་པའི་དྲན་བསྐུལ་འདི༢༠༡༥ ཟད་སར་ཕྱོགས་ཏེ༢༠༡༦ ལོའི་ཟླ་ ༡  ཚེས་༡ གསར་ཚེས་ལ་རྒྱ་ཀོང་རིག་འཛིན་མཐར་ཕྱིན་ནས།
arrow
arrow

    慢慢 發表在 痞客邦 留言(0) 人氣()